Patrul Rinpoche Website
English བོད་ཡིག

ཡང་དག་པའི་ལམ་དང་ཤེས་རབ་ལྡན་པའི་འཚོལ་ཞིབ།

Manjushriདམ་པའི་ཆོས།

རྫོགས་ཆེན་ར་ཉག་དཔལ་སྤྲུལ་རིན་པོ་ཆེའི་གསུང།

ཅི་ཞིག་ལ་དམ་པའི་ཆོས་ཞེས་ཟེར། དེ་ནི་ང་ཚོའི་ནང་སེམས་ཀྱི་སྡུག་བསྔལ་ཞི་ཕྱིར་ཉོན་མོངས་ལ་གཉེན་པོ་བསྟེན་ནས་རང་གི་བསམ་བློའི་སྤུས་ཚད་ལེགས་བཅོས་བྱས་པ་ལ་གོ་དགོས། ཉོན་མོངས་ལ་གཉེན་པོ་བསྟེན་དགོས་དོན་ཡང་ཉོན་མོངས་པ་དེ་དག་སྡུག་བསྔལ་གྱི་རྒྱུ་དང་ངོ་བོ་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པ་ཁོ་ནས་ཡིན།

དཔེར་ན། ཉོན་མོངས་ཤུགས་ཆེན་འབྱུང་སྐབས་སེམས་ལ་ན་ཟུག་དང་ཡིད་མི་བདེ་བའི་གནས་ཚུལ་འབྱུང་ཞིང། སྡུག་བསྔལ་དེ་ལས་གྲོལ་བའི་ཐབས་ནི་དམ་པའི་ཆོས་ལ་བརྟེན་ནས་བརྙེད་དགོས་པ་ལས། ཐབས་གཞན་དཔེར་ན། ཆང་རག་དང་། ཐ་མག །རོལ་རྩེད། འཆར་ཅན་གྱི་བྱེད་སྒོ་ཁག་ལ་བརྟེན་པ། ཐ་ན་རང་གི་དགའ་ཉེ་སོགས་ལ་རེ་བ་བྱས་ཀྱང་། དུས་ཐུང་ནང་སྡུག་བསྔལ་ཕྲན་ཚེགས་ཙམ་ཞི་བ་སྲིད་ཀྱང་། སྡུག་བསྔལ་གྱི་རྩ་བ་ངོས་མ་ཟིན་ཅིང་མ་སྤངས་པས་ན་སླར་ཡང་འབྱུང་ངེས།

ཡིན་ནའང་ཕྱོགས་གཞན་ཞིག་ནས་ང་ཚོས་དམ་པའི་ཆོས་ཉམས་སུ་བླངས་པ་ཡིན་ན་དེ་ནི་ཉོན་མོངས་པའི་གཉེན་པོ་ཡང་དག་པར་འགྲོ་ཞིང་། དེ་ལ་བརྟེན་ནས་ང་ཚོའི་ལུས་སེམས་ལ་མྱོང་བའི་སྡུག་བསྔལ་དང་མི་བདེ་བ་རྣམས་ཤུགས་ཆུང་དུ་འགྲོ་ངེས། རྒྱུ་མཚན་དེས་དམ་པའི་ཆོས་ལ་སྡུག་བསྔལ་བསལ་བའི་ནུས་པ་ཕུལ་དུ་བྱུང་བ་ཡོད་པ་མཚོན་པའང་ཡིན།

དམ་པའི་ཆོས་གང་ཞེ་ན། དེ་ནི་ཤེས་རབ་དང་བྱམས་བརྩེ་སྙིང་རྗེ་སོགས་ཟུང་དུ་འབྲེལ་བའི་ཉམས་ལེན་ཞིག་སྟེ། ཤེས་རབ་ཀྱིས་སྡུག་བསྔལ་གྱི་རྒྱུ་ཤེས་ཤིང་བྱམས་བརྩེས་བླང་དོར་ལ་འཇུག་པར་བྱེད། འབྲས་བུ་ནི་སེམས་ཀྱི་ཆོས་ཉིད་ཡིན་ལ། སེམས་ཀྱི་ཆོས་ཉིད་གང་ཞེ་ན། དེ་ནི་ཞི་བ་དང་བདེ་སྐྱིད་ལྡན་པ། སྡུག་བསྔལ་མེད་ཅིང། ཡེ་གདོད་མ་ནས་ངོ་བོ་རྣམ་པར་དག་ལ། རང་བཞིན་ལྷུན་གྱིས་གྲུབ་པའི་ཆོས་དེ་སེམས་ཀྱི་ཆོས་ཉིད་དང་དེ་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་མཐར་ཐུག་ཀྱང་ཡིན།

དཔེར་ན། ཆུའི་ཕོར་པ་གཉིས་ལ་ཆ་བཞག་ན། གཅིག་ནི་དྲི་མ་ཅན་དང་གཞན་དེ་གཙང་མ་ཡིན། འོན་ཀྱང་ཆུ་གཉིས་པོའི་ངོ་བོའམ་རང་བཞིན་གཅིག་ཏུ་གྲུབ་ཡོད་སྟབས། དྲི་མ་ཅན་གྱི་ཆུ་དེ་ཡང་གཙང་སེལ་ཐུབ་ལ་བཏུང་དུ་རུང་ཞིང་། གལ་ཏེ་ཆུ་དེ་གཉིས་ཀྱི་ངོ་བོ་གཅིག་མ་ཡིན་ན་དྲི་མ་ཅན་གྱི་ཆུ་དེ་ཉིད་ནམ་ཡང་གཙང་སེལ་མི་ཐུབ་པའི་སྐྱོན་དང་། ཆུའི་ངོ་བོའམ་རང་བཞིན་གཅིག་ཡིན་པའི་རྒྱུ་མཚན་གྱིས་ཆུ་དེ་ཉིད་གཙང་མའམ་ཡང་ན་བཙོག་པར་འགྱུར་ཐུབ།

སེམས་ཀྱི་ཆོས་ཉིད་དུ་གྱུར་པའི་གཞིིའི་གནས་ལུགས་དང་། གཞིའི་གནས་ལུགས་རྟོགས་པའི་ཡེ་ཤེས་གཉིས་མི་འདྲ་སྟེ། ཅིག་ཤོས་ཀྱིས་གནས་ལུགས་རྟོགས་ཟིན་ཅིང་གཞན་གྱིས་དེ་ལྟར་མ་ཡིན་པའི་ཕྱིར། དཔེར་ན། བཙོ་སྦྱང་མ་བྱས་པའི་གསེར་དང་བཙོ་སྦྱང་གྲུབ་ཅིང་དང་འདོད་ཀྱིས་རྒྱན་ཆ་བཟོས་ཟིན་པའི་གསེར་གཉིས་གཞི་རྩའི་ངོ་བོ་གསེར་ཡིན་པ་འདྲ་ཡང་རིན་ཐང་དང་ཁྱད་ཆོས་མི་འདྲ་བ་སོ་སོ་ཡིན་པ་བཞིན་ནོ། །སེམས་ཀྱི་གནས་ལུགས་རྟོགས་ན་དེ་ནི་ཉོན་མོངས་པའི་འཁྲུལ་རྟོག་བློ་བུར་བ་ཐམས་ཅད་གཏན་ནས་ཞི་བའི་མྱ་ངན་ལས་འདས་པའི་གོ་འཕང་དང་ལྷག་པའི་ཡེ་ཤེས་འོད་གསལ་བ་ཡང་ཡིན་ནོ། །

སེམས་ཀྱི་སྣང་བ་དང་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདི་ཐམས་ཅད་པོ་ཆོས་ཉིད་དོན་གྱི་བདེན་པ་དང་རྒྱ་ཆེ་བའི་འོད་གསལ་ཤེས་རབ་ཀྱི་རྩལ་དང་རོལ་པ་ཡིན་ལ། སྣང་བ་འདི་ཐམས་ཅད་ངོས་འཛིན་དེ་ལྟར་གྱིས་འདྲིས་ཤིང་འགྲོགས་པའི་བྱིན་རླབས་ཀྱིས་སྡུག་བསྔལ་དང་མི་བདེ་བ་དག་ལས་གྲོལ་ཐུབ། དེ་འདྲའི་གྲོལ་བ་དེ་ཡང་རང་གི་སེམས་ཀྱི་མཐུས་རྙེད་པ་ལས་གཞན་གྱིས་བྱིན་པ་སོགས་མ་ཡིན་ནོ།།

གུ་རུ་རིན་པོ་ཆེའི་ཞལ་ནས། རང་གི་སེམས་ལ་ལྟོས། རང་གི་སེམས་ལ་ལྟོས། རང་གི་སེམས་ལ་ལྟོས། ཞེས་ཡང་ནས་ཡང་དུ་གསུངས་ཡོད། གལ་སྲིད་ང་ཚོས་རྒྱུན་མཐུད་ནས་རང་གི་སེམས་ལ་བལྟས་ན་སེམས་ཀྱི་གནས་ལུགས་མཐོང་ཞིང་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འགྱུར་བ་ཡིན། 

དགེ་བའི་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་གང་ཡིན་རུང་དེས་སངས་རྒྱས་ཀྱི་མངོན་རྟོགས་འགྲུབ་པའམ་འགྲུབ་ལ་ཉེ་བར་བྱེད་པ་ཡིན་པས། དགེ་བའི་ལུས་ངག་དང་བསམ་པའི་འགུལ་སྐྱོད་ལ་ཤུགས་སྣོན་བརྒྱབ་ན་ང་ཚོར་སངས་རྒྱས་ཀྱི་གོ་འཕང་མངོན་དུ་འགྱུར་ངེས། གལ་ཏེ་བླ་ན་མེད་པའི་ཉམས་ལེན་ཡང་དག་པ་ཞིག་གནང་ན་དེ་ཡང་སངས་རྒྱས་ཀྱི་ཡེ་ཤེས་ཡིན། ང་ལ་མཚོན་ན་ཉམས་ལེན་གཅིག་ཁོ་ན་ཡོད་པ་ནི་སྤྲང་རྒན་ཡ་ང་བ་ཆོས་དང་འཇིག་རྟེན་གང་ཡང་མི་འགྲུབ་པ་དེ་ཁོ་ན་ཡིན།

ཕྱི་ལོ་ ༢༠༢༢ ལོའི་ཟླ་ ༡༡ ཚེས་ ༧ ཉིན་ཨིན་ཡིག་ནས་བོད་ཡིག་ནང་ཕབ་སྒྱུར་ཞུས།

Patrul Rinpoche teaching in Malaysia

Dharma Topics

The Authentic Path - a wise search Entering the Path of Buddhism Buddha Sakyamuni - the three turnings Dzogchen - the Great Perfection Longchen Nyinthik - the Heart Essence The Patrul Reincarnation - lineage and biographies Dzogchen Monastery Tibet - a pilgrimage Patrul Rinpoche's schedule Exit, Links, Greeting cards Universal Treasury Wisdom The Zangdok Palri Foundation Study and practice material Centres worldwide Home Page & News Visiting Teachers biographies & schedule