You
Patrul Rinpoche Website

Dzogchen - the Great Perfection

ཐེག་པ་རིམ་དགུའི་ཡང་རྩེ། 

བོད་བརྒྱུད་ནང་བསྟན་དཔལ་སྔ་འགྱུར་རྙིང་མ་པས་ཐེག་པ་རིམ་པ་དགུའི་རྣམ་བཞག་བཞེད་ཅིང་། དེ་ཡང་སྡེ་སྣོད་གPadmasambhava  - Guru Rinpocheསུམ་གྱི་མཚན་ཉིད་དང་འབྲེལ་བའི་ཕྱི་ཀུན་འབྱུང་འདྲེན་པའི་ཐེག་པ་གསུམ་ནི། ཉན་ཐོས་ཀྱི་ཐེག་པ་དང། རང་སངས་རྒྱས་ཀྱི་ཐེག་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་དང་གསུམ། ནང་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་གསུམ་མམ་གསང་སྔགས་ཕྱི་རྒྱུད་སྡེ་གསུམ་ནི་ཀྲི་ཡ། ཨུ་པ། ཡོ་གའི་རྒྱུད་དང་གསུམ། གསང་བ་དབང་བསྒྱུར་ཐབས་ཀྱི་ཐེག་པ་གསུམ་ནི་ནང་རྒྱུད་སྡེ་གསུམ་སྟེ། མ་ཧཱ་ཡོ་ག་དང་། ཨ་ནུ་ཡོ་ག་དང་། ཨ་ཏི་ཡོ་ག་བཅས་གསུམ་ལས་ཕྱི་མ་ལ་བོད་སྐད་དུ་རྫོགས་པ་ཆེན་པོ་ཞེས་བརྗོད།

ཟབ་མོ་རྫོགས་པ་ཆེན་པོ་ལ་ཚིག་བསྡུས་ན་རྫོགས་ཆེན་ཞེས་བརྗོད་ཅིང་། འདི་ཉིད་ནི་བོད་ནང་ཆེས་དར་སྔ་ཤོས་དང་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་ཉམས་ལེན་ནང་བྱིན་རླབས་ཀྱི་ཆུ་རྒྱུན་མ་ཉམས་པར་གནས་ཡོད། རྫོགས་པ་ཆེན་པོའི་ཉམས་ལེན་ནི་རང་གི་སེམས་ཀྱི་གནས་ལུགས་མངོན་དུ་བྱེད་པའི་ཐབས་དང་། གཞི་དངོས་པོའི་གནས་ལུགས་ངོ་མ་གཏན་ལ་ཕབ་པས་ན་ཆེས་གསལ་ཤོས་དང་། ཕན་ནུས་ཆེ་ཤོས་དང་། དེང་རབ་ཀྱི་འཛམ་གླིང་དང་ཆེས་འབྲེལ་བ་ཡོད་པ་བཅས་རེད།

བོད་ནང་གི་རྫོགས་ཆེན་དགོན་པ། 

བོད་བརྒྱུད་ནང་བསྟན་གྱི་བསྟི་གནས་དཔལ་གསང་ཆེན་སྔ་འགྱུར་རྫོགས་ཆེན་དགོན་ནི་རྙིང་མའི་གདན་ས་ཆེན་མོ་དྲུག་གི་ཡ་གྱལ་དང་། འདི་ཉིད་༡༦༨༥ ལོར་རྫོགས་ཆེན་རིན་པོ་ཆེ་སྐུ་ཕྲེང་དང་པོ་པདྨ་རིག་འཛིན་གྱིས་ཕྱག་བཏབ། ཁོང་ནི་དུས་རབས་དེའི་ཆེས་ཕུལ་དུ་བྱུང་བའི་རྫོགས་ཆེན་ཉམས་ལེན་པ་དང་ཏ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྒོམ་ཉམས་ལེན་གྱི་དགེ་རྒན་ཡང་ཡིན། རྫོགས་ཆེན་གྱི་ཆོས་སྐོར་ཡོངས་རྫོགས་གསན་བསམ་གནང་རྗེས། གོང་ས་ལྔ་པོ་ཆེན་པོས་བོད་ཁམས་ཤར་ཕྱོགས་སུ་ཕེབས་ཏེ་དགོན་པ་ཞིབ་བཏབ་ན་མཛད་འཕྲིན་དར་རྒྱས་གོང་འཕེལ་ཡོང་ཞེས་བཀའ་གནང་།

དགོན་པ་ཕྱག་བཏབ་རྗེས་ས་ཆ་དེར་རྫོགས་ཆེན་ཞེས་འབོད་ཅིང་།

  • རྫོགས་ཆེན་དགོན་པའི་ཁོངས་སུ།
  • དགོན་པ་གཅིག །
  • བཤད་གྲྭ་གཅིག །
  • སྒྲུབ་གྲྭ་གཅིག །

སྒོམ་སྒྲུབ་ཉམས་བཞེས་གནང་སའི་སྒྲུབ་ཕུག་གྲགས་ཅན་འགའ།

རིག་གནས་གསར་རྗེ་ཆེན་མོའི་རྗེས་ཏེ་ཕྱི་ལོ་༡༩༨༠ ལོར་དགོན་པ་ཉམས་གསོ་གནང་འགོ་བཙུགས།

ཉེ་ལམ་ནས་བཟུང་འདུ་ཁང་དང་། མཆོད་རྟེན་སོགས་གསར་པ་མང་པོ་བཞེངས་སྐྲུན་གནང་ཡོད། །

རྫོགས་ཆེན་དགོན་པའི་སྐོར་ལ་དྲ་རྒྱ་དང་། ཡོ་ཊུབ་གཟིགས་འདོད་ན་གཤམ་གྱི་དྲ་ཐག་ལ་བསྣུན་ན་འཐུས།

www.dzogchen-monastery.org
Youtube channel (with more recent content)

ཕྱི་ལོ་༢༠༢༣ ལོའི་ཟླ་ ༡ ཚེས་ ༤ ཉིན་བོད་ཡིག་ནང་ཕབ་སྒྱུར་ཞུས།

Patrul Rinpoche giving an initiation

Dharma Topics

The Authentic Path - a wise search Entering the Path of Buddhism Buddha Sakyamuni - the three turnings Dzogchen - the Great Perfection Longchen Nyinthik - the Heart Essence The Patrul Reincarnation - lineage and biographies Dzogchen Monastery Tibet - a pilgrimage Patrul Rinpoche's schedule Exit, Links, Greeting cards Universal Treasury Wisdom The Zangdok Palri Foundation Study and practice material Centres worldwide Home Page & News Visiting Teachers biographies & schedule