-->

Patrul Rinpoche Website

དཔལ་སྤྲུལ་རིན་པོ་ཆེའི་གསུང་ཆོས་དུས་ཚོད་རེའུ་མིག །


Patrul Rinpoche's Schedule

 
 
གཤམ་གྱི་དྲ་ཚིགས་ལས་དཔལ་སྤྲུལ་རིན་པོ་ཆེའི་ཆོས་ཚོགས་ལྟེ་གནས་ཀྱི་སྒྲིག་འཛུགས་དང་བྱེད་སྒོ་ཁག་ལ་གཟིགས་ཐུབ།
Patrulrinpoche.net/study-practice/calendar/
 
֎
 

དཔལ་སྤྲུལ་རིན་པོ་ཆེའི་ཕྱག་ལས་གནང་ཕྱོགས།

བསྟན་འགྲོའི་བདེ་རྩ་ཁོ་ནར་སྨིན་ཆེད་གཞན་ཕན་དང་བློ་གྲོས་ཀྱི་རྩལ་ལས་བྱུང་རིན་པོ་ཆེའི་ཉིད་ཀྱི་ཕྱག་ལས་ནི། སྟོན་པ་ཡང་དག་རྫོགས་པའི་སངས་རྒྱས་ཀྱིས་གནང་བའི་དམ་པའི་ཆོས་ཀྱི་སློབ་ཁྲིད། གཞན་ལ་རོགས་སྐྱོར། ཤེས་རབ་རིག་མཛོད་དཔེ་སྐྲུན་ཁང་སོགས་ཀྱིས་མཚོན་ཐུབ་པ་ཡིན།

སློབ་ཁྲིད་ལ་རིམ་པ་གསུམ་ཡོད།

- ཇི་ལྟར་བྱས་ནས་ནང་པ་སངས་རྒྱས་པ་ཞིག་ཏུ་གྱུར་ནས་རྨང་གཞིིའི་དམ་པའི་ཆོས་ཉམས་སུ་ལེན་ཚུལ།

- ལོ་དྲུག་རིང་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་ཚན་ལ་ཐོས་བསམ་གྱི་ལས་རིམ།

- ཡང་དག་པའི་ཐོས་བསམ་གྲུབ་ནས་ཆོས་ཉིད་དེ་བཞིན་ཉིད་ངོ་སྤྲོད་ཀྱིས་ཡང་དག་པ་སྒོམ་པ་མངོན་དུ་གྱུར་ཐུབ་པ་ཡིན་ནོ། །

རོགས་སྐྱོར་ལས་གཞི་ལ་ཡན་ལག་དྲུག་སྟེ།

- ཤེས་ཡོན་དང་སྨན་བཅོས། གྲོང་སྡེ་ཁུལ་དུ་ཡིག་རྨོངས་སེལ་ཐབས། འཕྲོད་བསྟེན་དང་། འཚོ་བའི་གནས་སྟངས་ཞན་པའི་སྤྱི་ཚོགས་ནང་དམིགས་པའི་དཔལ་འབྱོར་འདུ་འགོད་ཀྱི་ལས་འཆར།

-ནང་ཆོས་ཀྱི་བསླབ་བྱ་ལ་བརྟེན་ནས་ལུས་སེམས་ཉོན་མོངས་པའི་གཅོང་ནད་ལས་གྲོལ་ཐབས།

- ནང་བསམ་པའི་འཁྱེར་སོ་ལ་བརྟེན་ནས་ཉོན་མོངས་དང་དེའི་འབྱུང་རྐྱེན་སོགས་ལ་གདོང་ལེན་བྱེད་ཐབས།

-གཞན་ཕན་གྱི་ལྟ་གྲུབ་ལ་གཞི་བཅོལ་ནས་རང་གཞན་སྡུག་བསྔལ་གྱིས་མནར་ཞིང་ཐ་ན་རང་སྲོག་གཅོད་པའི་གནས་ཚུལ་ཡ་ང་བ་སེལ་ཐབས།

-ཁྱིམ་ཚང་དང་། གྲོགས་ཕོ་མོ། ཚོགས་པའི་ནང་ཁུལ་བར་རྩོད་རྙོག་འདུམ་འགྲིག་ཡོང་ཐབས།

-བྱམས་བརྩེའི་གོ་རྟོགས་གོང་འཕེལ་གཏོང་ཐབས་སོགས་ཡིན།

དཔེ་སྐྲུན་ལས་རིགས།

དཔེ་རྒྱུན་བཀོན་རིགས་དང་གལ་ཆེན་དཔེ་ཆ་ཁག་ཡིག་སྒྱུར་དང་ཁྱབ་སྤེལ། དམིགས་བསལ་ཀློང་ཆེན་སྙིང་ཐིག་གི་ཟབ་ཆོས་རྣམས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་གནང་རྒྱུ་ནི་དཔལ་སྤྲུལ་རིན་པོ་ཆེའི་ཐུགས་དགོངས་ཡིན། །

Dharma Topics

The Authentic Path - a wise search Entering the Path of Buddhism Buddha Sakyamuni - the three turnings Dzogchen - the Great Perfection Longchen Nyinthik - the Heart Essence The Patrul Reincarnation - lineage and biographies Dzogchen Monastery Tibet - a pilgrimage Patrul Rinpoche's schedule Exit, Links, Greeting cards Universal Treasury Wisdom The Zangdok Palri Foundation Study and practice material Centres worldwide Home Page & News Visiting Teachers biographies & schedule