Patrul Rinpoche Website

༄༅། །ཟངས་མདོག་དཔལ་རི་པདྨའི་རོགས་སྐྱོར་ལས་གཞི།


Zangdok Palri emplacementཟངས་མདོག་དཔལ་རི་པདྨའི་རོགས་སྐྱོར་ཚོགས་པ་ནི་ཁེ་མེད་ལས་གཞི་གཉེར་བའི་ཚོགས་པ་ཞིག་ཡིན་ལ། འདི་ཉིད་ཕྱི་ལོ་༢༠༠༠ ལོའི་ཟླ་ ༡༠ པར་བྷེལ་ཇམ་ནང་གསར་འཛུགས་ཞུས། དམིགས་ཡུལ་གཙོ་བོར་ཡང་དེང་གི་ཆར་ཁམས་བོད་སི་ཁྲོན་ཞིང་ཆེན་ཁུལ་དུ་གནས་པའི་མདོ་ཁམས་རྫོགས་ཆེན་ས་ཁུལ་དུ་ཕ་གཞིས་རྒྱུ་ནོར་མེད་པའི་ཉམ་ཐག་ད་ཕྲུག་རྣམས་ལ་རོགས་སྐྱོར་བྱེད་རྒྱུ་དེ་ཡིན།  ས་གནས་དེའི་མི་འབོར་གཙོ་བོ་ནི་འབྲོག་པ་དང་ས་ཆའི་རྒྱ་ཁྱོན་སྤྱི་ལེ་ཆིག་ཁྲི་ལྷག་ཁ་ཐོར་དུ་གནས་ཤིང་། དབུལ་ཕོངས་ཀྱི་འཚོ་བའི་གནས་སྟངས་འོག་སློབ་གསོ་དང་ལུས་ཁམས་བདེ་སྲུང་གི་ཆ་རྐྱེན་སོགས་ཧ་ཅང་ཞན།  
ཟངས་མདོག་དཔལ་རི་པདྨའི་རོགས་སྐྱོར་ཚོགས་པའི་གཞི་རྩའི་དམིགས་ཡུལ་ནི། ས་ཁུལ་དེའི་མི་དམངས་རང་ཉིད་ཀྱིས་ས་ཁོངས་འཕེལ་རྒྱས་གཏོང་བའི་བྱུས་གཞི་འཆར་འགོད་དང་། ལག་བསྟར་བྱེད་པའི་ནུས་རྩལ་སྐྱེད་སྲིང་ལ་བརྟེན་ནས་མི་དམངས་ཀྱི་འཚོ་བའི་མཐུན་རྐྱེན་ལེགས་སུ་གཏོང་རྒྱུ་དེ་ཡིན། 
དམིགས་ཚད་དེ་ཉིད་མངོན་འགྱུར་ཡོང་ཆེད་ཚོགས་པའི་ངོས་ནས་སྣེ་ཁྲིད་དང་ལམ་སྟོན། དཔལ་འབྱོར་གྱི་རོགས་སྐྱོར་སོགས་དངོས་ཤུགས་བརྒྱུད་གསུམ་ནས་བོད་མི་རིགས་ཀྱི་སློབ་གསོ་དང་། གསོ་རིག་སྨན་བཅོས། དེ་བཞིན་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་མཐུན་འགྱུར་ཞུས་ཏེ་མ་འོངས་པར་ཁུལ་དེའི་མི་མང་རྣམས་རང་རྐང་གི་སྟེང་དུ་ལང་ཐུབ་པ་བྱ་རྒྱུའི་ཆོད་སེམས་ཀྱང་བཅང་ཡོད། 
 

འབྲེལ་བ་གནང་ཡུལ་གཤམ་དུ་གཟིགས་རོགས། 

Zangdok Palri Lotus asbl
39 rue St-Norbert
B - 1090 Brussels
Tel: +32(0)2 732.89.86
Web site: www.zangdokpalri.net
Information: info@zangdokpalri.net
 

Dharma Topics

The Authentic Path - a wise search Entering the Path of Buddhism Buddha Sakyamuni - the three turnings Dzogchen - the Great Perfection Longchen Nyinthik - the Heart Essence The Patrul Reincarnation - lineage and biographies Dzogchen Monastery Tibet - a pilgrimage Patrul Rinpoche's schedule Exit, Links, Greeting cards Universal Treasury Wisdom The Zangdok Palri Foundation Study and practice material Centres worldwide Home Page & News Visiting Teachers biographies & schedule