-->

Patrul Rinpoche Website

ནང་ཆོས་སྨོན་ལམ།

འོག་མིན་ཆོས་ཀྱི་གྲོང་ཁྱེར བྷེལ་འཇམ། 
ཕྱི་ལོ་༢༠༢༣སྤྱ་ཟླ་༧ཚེས་༢༦ནས་༣༠བར་འཚོག་ཡུན་ཉིན་ལྔ། 

Nangchö Monlams

དུས་ཚོད་རིའུ་མིག  /  འགྲོ་གྲོན།   / ཞལ་འདེབས / ངག་འདོན། / ཞལ་ལག  / ཐོ་འགོད། / གཉིད་ས། / དྭང་བླངས། / རྒྱབ་ཆོག / སྒྲིག་ལམ / དོན་ངོ་མའི་གནས་ཚུལ། / གང་འདྲ་བྱས་ནས་དེར་འགྲོ། / འབྲེལ་ཐུག་བྱེད་པ། / དྲ་ཐོག་གི་ཁྱབ་བསྒྲགས། 

*

༄༅། །ལུགས་གཉིས་མཁྱེན་པའི་རྣམ་དཔྱོད་ཡངས་པའི་ཆོས་རྒྱུད་ཁག་གི་མཁན་སྤྲུལ་དགེ་བའི་བཤེས་གཉེན་རྣམ་པ་གཙོས་ལྷག་བློ་ཆོས་ལ་དཀར་བའི་ཆོལ་གསུམ་བོད་རིགས་སྤུན་ཟླ་ཡོངས་ཀྱི་སྙན་ལམ་དུ་ཞུ་རྒྱུར།

    དེ་ཡང་འདས་པའི་རྒྱལ་བ་རྣམས་ཀྱི་ཐུགས་བསྐྱེད་དང་སྨོན་ལམ་དུས་སུ་སྨིན་པ་བསྟན་པ་ཕྱི་དར་གྱི་གནས་སྐབས་སྟེ། རྒྱལ་བསྟན་རིན་པོ་ཆེ་འཛམ་གླིང་གི་ཡུལ་གྲུ་ཀུན་ཏུ་གསེར་གྱི་ཕྲ་ཚོམ་བཞིན་དུ་ཐང་མར་བརྡལ་དང་རྡོལ་བཞིན་པའི་དུས་སྐབས་འདི་དང་བསྟུན། 

འདི་གར་བྷེལ་ཇམ་རྒྱལ་ཁོངས་སུ་གནས་འཆའ་བའི་ར་ཉག་དཔལ་སྤྲུལ་རིན་པོ་ཆེ་མཆོག་གི་ལྷག་བསམ་དང་ཐུགས་སྟོབས་ལ་བརྟེན་ནས། སྔ་འགྱུར་གྲུབ་དབང་རྫོགས་ཆེན་པའི་ཆོས་རྒྱུད་ཐུབ་བསྟན་དགེ་ལེགས་དཔལ་འབར་གླིང་དུ། རྒྱལ་བསྟན་སྤྱི་དང་། ཁྱད་པར་༧གོང་ས་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་སྐུ་ཚེ་བསྐལ་བརྒྱར་བསྟན་ཅིང་། ཐུགས་ཀྱི་བཞེད་དོན་ཐམས་ཅད་གེགས་མེད་ལྷུན་གྱིས་འགྲུབ་སྟེ། འཛམ་གླིང་ཡུལ་གྲུ་ཀུན་ཏུ་ནད་མུག་འཁྲུག་རྩོད་ཞི་ཞིང་བདེ་སྐྱིད་ཕུན་སུམ་ཚོགས་པ་དང། ཁྱད་པར་ས་གནས་འདིར་བཞུགས་ཀྱི་ཆོལ་གསུམ་བོད་རིགས་ཡོངས་ལ་དགེ་སྒྲུབ་སྡིག་སྤོང་གི་མཐུན་རྐྱེན་ཞིག་ལ་ཆེད་དུ་དམིགས་ནས། ཨོ་རྒྱན་སངས་རྒྱས་གཉིས་པ་ལྷོ་ནུབ་སིནྡྷུའི་དྭངས་མཚོ་རུ། མེ་ཏོག་པདྨའི་སྙིང་པོར་ངོ་མཚར་བརྫུས་ཏེ་འཁྲུངས་པའི་སྤྲེལ་ཟླའི་དུས་ཆེན་དང་བསྟུན་ཏེ། ཕྱི་ལོ་༢༠༢༣སྤྱི་ཟླ་༧ཚེས་༢༦་ནས་༣༠་བར་ཉིན་ལྔའི་རིང་ལ། འོག་མིན་ཆོས་ཀྱི་གྲོང་ཁྱེར་དུ་ནང་ཆོས་སྨོན་ལམ་ཞིག་འཚོག་འཆར་ཡོད་པས། འཛམ་གླིང་ཤར་ནུབ་ཀུན་ཏུ་གནས་འཆའ་བའི་༧སྔ་འགྱུར་གྲུབ་དབང་རྫོགས་ཆེན་པའི་ཆོས་རྒྱུད་འཛིན་མཁན་གཙོས་རིས་སུ་མ་ཆད་པའི་ཆོས་རྒྱུད་ཁག་གི་བསྟན་འཛིན་དམ་པ་རྣམས་དང་། དད་ལྡན་མཆོག་དམན་ཀུན་གྱིས་དལ་འབྱོར་དོན་ཡོད་དང་འདི་ཕྱིའི་གཏན་བདེ་སྒྲུབ་ཆེད་དུ་ཕྱག་ཕེབས་གནང་བར་དགའ་བསུ་ཞུ། ཆེད་དོན་གསལ་བཤད། ཕྱོགས་དང་ཕྱོགས་ནས་ཕེབས་པའི་སྐུ་མགྲོན་རྣམ་པར་སྨོན་ལམ་ཉིན་ལྔའི་རིང་ལ་བཞུགས་གནས་དང་བཞེས་ལག་སོགས་ཆོས་ཚོགས་ཀྱི་ངོས་ནས་གྲ་སྒྲིག་བྱེད་རྒྱུ་ཡིན་སྟབས། སྨོན་ལམ་ལ་ཕྱག་ཕེབས་གནང་ཐུབ་མཁན་རྣམ་པས་གཤམ་གྱི་དྲྭ་བྱང་དང་ཁ་པར་ཨང་གྲངས་གང་རུང་བརྒྱུད་ནས་སྔ་བསྣུར་གྱིས་ཐོ་འགོད་གནང་བར་ཐུགས་འཇགས་བརྟན་པར་འཚལ། 

ཕྱི་ལོ་༢༠༢༣སྤྱི་ཟླ་༡ཚེས་༡༠ལ་འོག་མིན་ཆོས་ཀྱི་གྲོང་ཁྱེར་ཐུབ་བསྟན་དགེ་ལེགས་དཔལ་འབར་གླིང་གི་ད་ལྟའི་འགན་བཞེས་ལྷན་འཐུས་ནས་ཕུལ། །

*

 Nangchö Monlams

དུས་ཚོད་རིའུ་མིག


Nangchö Monlams

Nangchö Monlams

འགྲོ་གྲོན། 

Patrulrinpoche.org/monlam.htm#cost གཟིགས་རོགས་གནང་།

Nangchö Monlams

ཞལ་འདེབས།

Patrulrinpoche.org/monlam.htm#donation གཟིགས་རོགས་གནང་།

Nangchö Monlams

སྨོན་ལམ་སྐབས་ཀྱི་ངག་འདོན།

You can download the text:

Nangchö Monlams

ཟ་མ།

Patrulrinpoche.org/monlam.htm#meal གཟིགས་རོགས་གནང་།

Nangchö Monlams

གཉིད་ས།

Patrulrinpoche.org/monlam.htm#Accomodation གཟིགས་རོགས་གནང་།

Nangchö Monlams

ཐོ་འགོད་བྱེད་ས།

སྨོན་ལམ་ཐོ་འགོད་བྱེད་ས། གཉིད་སའི་ཐོ་འགོད་བྱེད་ས།

Nangchö Monlams

དང་དུ་ལེན་པ།

Patrulrinpoche.org/monlam.htm#volunteer གཟིགས་རོགས་གནང་།

Nangchö Monlams

གང་འདྲ་བྱས་ནས་དེར་འགྲོ།

Patrulrinpoche.org/monlam-gothere.htm གཟིགས་རོགས་གནང་།

Nangchö Monlams

དོན་ངོ་མའི་གནས་ཚུལ།

ཅ་དངོས་གང་ཞིག་འཁྱེར་དགོས།

  • ཚོགས་འཚོག་སྐབས་སྡོད་བྱེད་ཀྱི་གདན་ཆུང་གཅིག།།(རྐུབ་བཀྱག་ཁ་ཤས་ཡོད་ན་ལེགས།)
  • གཅོད་ཀྱི་ཡོ་བྱེད་ཌ་མ་རུ་དང་དྲིལ་བུ་སོགས་ཡོད་ན་མཉམ་ཁྱེར་གནང་རོགས།
  • ཉལ་སའི་གནས་བབ་ལས་གློག་ཞུ་དང་དཔལ་འབར་སོགས་བེད་སྤྱོད་ཡོད་སྲིད།
  • གལ་སྲིད་སྒེར་གྱི་སྡོད་གུར་ནང་བཞུགས་མཁན་ཡིན་ན་གུར་དང་ཉལ་ཆས་སོགས་རང་ངོས་གྲ་སྒྲིག་གནང་རོགས།
  • ཕོར་པ་དང་སྡེར་མ་སོགས་འཁྱེར་རྒྱུ་བརྗེད་སོང་ན་ང་ཚོ་ལ་ལྷག་མ་ཁ་ཤས་ཡོད་སྲིད་པས་ཁྱེད་ལ་གཡར་ཐུབ།

 འདི་ལ་རྩ་འཛིན་གནང་རོགས། 

Patrulrinpoche.org/monlam.htm#practicalinfo གཟིགས་རོགས་གནང་།

ནང་ཆོས་སྨོན་ལམ་སྐབས་ཀྱི་སྒྲིག་ལམ།

  • ཕྱི་ནང་ཀུན་ཏུ་ཆང་རག་རིགས་འཐུང་མི་ཆོག
  • ཐ་མག་འཐེན་སའི་ས་ཆར་མ་གཏོགས་གང་སར་མ་འཐེན་རོགས།
  • ཕྱི་ནང་གང་དུའང་མེ་སྦར་མི་ཆོག
  • མཆོད་གནས་རྣམས་སུ་མ་གཏོག་གང་སར་མར་མེ་དང་བདུག་སྦོས་གང་མོས་སུ་མི་སྦར་རོགས།
  • ཚོགས་པ་འཚོགས་ཡོད་པའི་སྐབས་སུ་སྐད་ཅོར་རྒྱག་མ་གནང་།
  • མཚན་གུང་རྗེས་སུ་འགྲོ་འདུག་དང་ཕན་ཚུན་སྐད་ཆ་བཤད་པ་སྐད་ཕྲིན་རྩེ་བ་སོགས་གང་ཡང་མི་གནང་བར་ཞུ།
  • འཁོར་ཡུག་བདེ་འཇགས་ཀྱི་ཆེད་དུ་མཚན་མོ་ཆུ་ཚོད་བཅུ་གཉིས་ནས་ཞོགས་པ་བདུན་པའི་བར་དུ་ལྕགས་སྒོ་བརྒྱབ་ཡོད་པས་ཕྱིར་ཕེབས་མཁན་ཡོད་ཚེ་དེ་ལུགས་སུ་ཐུགས་འཇགས་གནང་།

Nangchö Monlams

རྒྱབ་ཆོག

རྒྱབ་ཆོག

Patrulrinpoche.org/monlam.htm#practicalinfo གཟིགས་རོགས་གནང་།

Nangchö Monlams

འབྲེལ་ཐུག་བྱེད་པ།

Email: monlam@patrulrinpoche.net

Telegram: https://t.me/NangchoMonlamTib

ཁ་པར། +32 484 76 22 35 

Nangchö Monlams

དྲ་ཐོག་གི་ཁྱབ་བསྒྲགས།

Nangchö Monlams

----

Dharma Topics

The Authentic Path - a wise search Entering the Path of Buddhism Buddha Sakyamuni - the three turnings Dzogchen - the Great Perfection